2010-05-16

ངའི་མཐའ་མཇུག་གི་རེ་སྨོན།

་་་་་་་་་ལྕགས་རི་ཤར་ཐུབ་བསྟན་ཉི་མས་བརྩམས། ཆུང་ཚེ་རིང་གིས་བོད་ཡིག་ཏུ་བསྒྱུར།

༅། །ཨཱོ། བདག་གི་གྲོགས་པོ།
ངའི་སྐྱེད་མའི་སྡུག་བསྔལ་དག་མཐོང་མ་ཐུབ་པས།
རལ་གྲིས་ངའི་ཕན་མེད་མིག་ཟུང་འབིགས་པར་མཛད་རོགས།
ངས་ཁོང་བསྐྱབས་མ་ཐུབ་པས། བདག་ལ་དམོད་མོ་བོར་རོགས།
འཛམ་གླིང་གི་ཁྲིམས་ལུགས་དང་མཉམ་དུ་བསྡམས་པའི།
ཕན་མེད་ཀྱི་ངའི་ལག་ཟུང་ཡང་གཅོད་རོགས།


ངའི་རྐང་ཟུང་ཡང་ཆོད་ཅིག
དེ་དག་ལྕགས་སྒྲོག་གིས་བཅིངས་པས།
ང་ངའི་སྐྱེད་མའི་ཕྱོགས་སུ་འགྲོ་ཐུབ་ཀྱི་མི་འདུག


རྣོ་དབལ་གྱི་སྤུ་གྲིས། ངའི་ལྕེ་ཡང་བཅད་ནས་འཁྱེར་རོགས།
རྒྱུ་མཚན་ནི། ངའི་སྐད་སྒྲ་རྣམས་རྒྱ་ནག་དམར་ཤོག་གི་ན་བུན་གྱི་ཁྲོད་དུ།
མངོན་མེད་དུ་ཡལ་འགྲོ་བས་སོ།།

ང་ལ་དཀའ་ངལ་སྤྲོད་མཁན་གྱི། རྣ་ཅོག་གཉིས་ཀྱང་བཙབས་རོགས།
ངས་ངའི་སྐྱེད་མའི་ངུ་སྒྲ་ཡང་ཐོས་ཐུབ་ཀྱི་མི་འདུག


འོན་ཀྱང༌། ངའི་གྲོགས་པོ།
ང་འཆི་བའི་སྐབས་སུ།
ངའི་མཐའ་མཇུག་གི་རེ་སྨོན་ལྟར།
ངའི་མགོ་བོ་བཅད་དེ།
མཉམ་སྦྲེལ་རྒྱལ་ཚོགས་སུ་འབུལ་རོགས།


དེ་ལས་ཁོང་ཚོས། སྙིང་སྟོབས་ནི་དུས་ནམ་ཡང་འཆི་མི་སྲིད་པ་དེ།
རྟོགས་ངེས་ལགས།། །།

3 comments:

  1. བཀྲ་ཤིས་བདེ་ལེགས་ཆུང་ཚེ་རིང་ལགས། སྙན་ངག་འདིའི་མ་ཡིག་མཉམ་དུ་བཀོད་ཐུབ་ན་ཡག་པོ་འདུག བསྟན་འཛིན་དོན་གྲུབ་པས།

    ReplyDelete
  2. ལྕགས་རི་ཤར་ཐུབ་བསྟན་ཉི་མ་ཟེར་ན་སུ་རེད། དོན་དག་ཡག་པོ་བྲིས་འདུག

    ReplyDelete
  3. འདི་ལོ་མང་སྔོན་བསྒྱུར་ཏེ། ཤེས་རིག་གསར་འཕྲིན་ནང་བཀོད་པ་ཡིན། དེ་དུས་ལྕགས་རི་ཤར་ཐུབ་བསྟན་ཉི་མ་སློབ་མ་ཞིག་རེད། ཁོང་གིས་བོད་གཞོན་Young Tibet ཞེས་པའི་དེབ་ཅིག་བཏོན་པ་དེར། རྒྱབ་སྐྱོར་དང་གཞན་ཚོར་སྐུལ་སློང་གི་ཆེད་དུ་འདི་བསྒྱུར་བ་ཡིན། མ་རྩོམ་ད་ལྟ་རྙེད་ཀྱི་མི་འདུག ལྕགས་རི་ཤར་ཐུབ་བསྟན་ཉི་མ་དེང་སྐབས་ཨ་རི་ལ་ཡོད་རེད་དྲན། ཁོང་གིས་གློག་བརྙན་དང་མཉེན་ཆས་དེ་འདྲ་ཡང་བཟོས་འདུག

    ཆུང་ཚེ་རིང་པས།

    ReplyDelete