2011-07-29

ཌི་ཌུ་དང་དར་ཆ་དཀར་པོ།

༅༅།། ང་རང་ལུས་རྩལ་དང་རྒྱན་རྩེད། ཆང་རག་བཅས་ལ་ཡེ་ནས་མི་དགའ་མཁན་ཞིག་ཡིན་ཡང་། དུས་ཚོད་སྟོང་པའི་སྐབས་སུ་དགའ་རོལ་བྱེད་ས་མེད་པ་དེ་འདྲའང་མིན། དེ་ཡང་དཔེ་དེབ་དང་རོལ་དབྱངས། གླུ་གཞས། གློག་བརྙན་སོགས་ནི་ངས་དགའ་རོལ་བྱེད་ས་ཡིན།
    རང་ཉིད་གཅིག་པུ་ཡིན་དུས། དཔེ་དེབ་ཀློག་ཞོར་ཤིང་ཏོག་གི་ཁུ་བ་འཐུང་བཞིན་གླུ་གཞས་ལ་ཉན་པའི་བདེ་སྐྱིད་ནི་གང་གིས་ཀྱང་འགྲན་དུ་མེད་པ་ཞིག་རེད། ཁྱད་མཚར་བ་ཞིག་ལ། ང་རང་སྤྲོ་སྣང་གི་གཞས་ལས་སྐྱོ་སྣང་གི་གཞས་ལ་དགའ་བ་ཡོད་ཅིང་། བུ་མོས་བཏང་བའི་གཞས་ལས་བུས་བཏང་བའི་གཞས་ལ་དགའ་བ་ཡོད། འོན་ཀྱང་ཨིན་ཇིའི་གཞས་མ་ཌི་ཌུ་(Dido)ནི་དམིགས་བསལ་ཞིག་ཡིན།

    ཌི་ཌུ་ཡི་གླུ་གཞས་ལ་ང་རང་དགའ་པོ་ཆགས་པའི་ལོ་ནི་ཕྱི་ལོ་ ༢༠༠༦ རེད། སྐབས་དེར་ང་ཁེ་ཎ་ཌའི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཝན་ཁུ་ཝ་(Vancouver)ལ་ཡོད། ང་རང་གནས་སྡོད་བྱེད་ས་དང་སློབ་གྲྭའི་བར་ཆུ་ཚོད་གཅིག་མ་ཟིན་ཙམ་འགྲུལ་འཁོར་ནང་བསྡད་དེ་འགྲོ་དགོས་པས། དུས་ཡུན་དེ་ནི་གྲོང་ཁྱེར་དེའི་ས་གནས་རླུང་འཕྲིན་ལ་ཉན་པའི་གོ་སྐབས་ཡག་ཤོས་དེ་རེད། ངས་རླུང་འཕྲིན་ལ་ཉན་པའི་དམིགས་ཡུལ་གཙོ་བོ་ནི་ཨིན་སྐད་ལ་གོམས་འདྲིས་ཐེབས་ཆེད་ཡིན་རུང་། ཕྱོགས་གཞན་ནས་བསམས་ན། ངོ་ཤེས་གཅིག་ཀྱང་མེད་པའི་འགྲུལ་འཁོར་ནང་དུས་ཚོད་འཁྱོལ་ཐབས་ཤིག་དང་། སྐྱིད་པོ་གཏོང་ཐབས་ཤིག་ཀྱང་ཡིན། ཌིལ་ཌུ་ཡི་གཞས་ནི་ངས་ཐོག་མར་ཝན་ཁུ་ཝ་ཡི་རླུང་འཕྲིན་ནང་ནས་ཐོས་ཤིང་། ཐོས་མ་ཐག་ཡིད་དང་རྣ་བའི་དགའ་སྟོན་དུ་གྱུར།
    ཌི་ཌུ་ཡི་སྙན་ཆ་ཆེ་ཞིང་ཐུན་མོང་མ་ཡིན་པའི་མགྲིན་འགུག་དང་། ཨིན་ཡུལ་གྱི་ཨིན་སྐད་སྒྲ་གདངས། བཅོས་མ་མ་ཡིན་པའི་བག་ཆགས་ཀྱི་རྣམ་འགྱུར། ལྷག་པར་དུ་ཡིད་འགུག་གི་ནུས་པ་ཆེ་བའི་གཞས་ཚིག་བཅས་ནི། ཕལ་ཆེར་ངས་ཁོང་གི་གཞས་ལ་དགའ་མོས་བྱེད་པའི་རྒྱུ་རྐྱེན་ཡིན་པ་འདྲ། 
    ཌི་ཌུ་ཡི་གླུ་གཞས་ནང་ནས་ངས་དགའ་མོས་ཆེ་ཤོས་ནི། དར་ཆ་དཀར་པོ་ཞེས་པ་དེ་ཡིན། གཞས་འདིའི་གདངས་ཀྱི་འགྱུར་འགྲོས་ནང་དོན་དང་འཚམས་ཤིང་། ནང་དོན་ནི། མཛའ་བོ་དང་ཁ་བྲལ་བའི་མཛའ་མོ་ཞིག་གི་སེམས་གཏིང་གི་ལྷད་མེད་ལ་རང་ཚུགས་ཀྱང་ཡོད་པའི་བསམ་པ་མཚོན་པ་ཞིག་ཡིན། གཞས་འདིའི་ཚིག་དོན་དང་སྒྲ་གདངས་གང་ཐད་ནས་ཧ་ཅང་གིས་ཕུན་སུམ་ཚོགས་པས། གཞས་དེ་ལ་བརྟེན་ནས། ཌི་ཌུ་ཡི་ཆེད་བསྒྲིགས་གཡར་ཁྲལ་ཆེད་ཀྱི་མི་ཚེ་ཞེས་པ་དེ་ས་ཡ་མང་པོ་བཙོང་ཐུབ་ཡོད། ཌི་ཌུ་ཡི་སྐད་གདངས་དང་མགྲིན་འགུག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ནི། ཁོང་གིས་བཏང་བའི་གཞས་དེ་ཚོ་གཞས་མ་གཞན་དག་གིས་བཏང་ན་སྙན་ཆ་ཇི་བཞིན་ཐོན་མི་ཐུབ་པ་དེ་ཚོས་མཚོན་ནུས་པ་ཡིན།
    ཌི་ཌུ་ནི་ ༡༩༧༡ ཟླ་ ༡༢ ཚེས་ ༢༥ སྟེ་ཡི་ཤུའི་འཁྲུངས་སྐར་ཉིན་ཨིན་ཇིའི་རྒྱལ་སར་བཙས། ཁོང་གི་མ་ནི་ཕ་རན་སིའི་སྙན་ངག་མ་ཞིག་དང་ཕ་ནི་པར་སྐྲུན་པ་ཞིག་ཡིན། ༡༩༩༥ ལོ་ནས་གཞས་གཏོང་འགོ་བཙུགས་ཤིང་། ༡༩༩༩ ལོར་བཏོན་པའི་གླུ་གཞས་ཆེད་བསྒྲིགས་ No Angel (ལྷ་མོ་མིན་) ཞེས་པ་འཛམ་གླིང་ཡོངས་སུ་སྐད་གྲགས་ཆོད་དེ་ས་ཡ་ ༢༡ ལྷག་བྲིན་པས་སྐབས་ཤིག་རིང་། གཞས་མ་ཌི་ཌུ་ཡི་གཞས་ཙམ་མ་ཟད། སྐྲའི་བཟོ་དབྱིབས་ལའང་ལད་མོ་བྱེད་མཁན་ཡོངས་ཁྱབ་ཆགས། ༢༠༠༣ ལོར་ཆེད་བསྒྲིགས་གཡར་ཁྲལ་ཆེད་ཀྱི་མི་ཚེ་(life for rent) ཞེས་པ་དེ་བཏོན་ཅིང་། ཆེད་བསྒྲིགས་བཏོན་པའི་ཉིན་དང་པོར་ཨིན་ཡུལ་ཁོ་ནའི་ནང་གྲངས་ ༡༥༢༠༠༠ བྲིན་པས་དེ་བས་ཀྱང་སྐད་གྲགས་ཆེ་རུ་སོང་སྟེ། འཛམ་གླིང་གང་སར་སྐོར་སྐྱོད་ཀྱིས་གླུ་གཞས་འཁྲབས་སྟོན་བྱས། དེ་རྗེས་ཁོང་གིས་བཏོན་པའི་ཆེད་བསྒྲིགས་དང་བྱ་དགའ་ཐོབ་པ་སོགས་ཀྱི་སྐོར་དུས་ཚོད་དབང་གིས་འདིར་མ་གླེང་།
    དར་ཆ་དཀར་པོ་ནི་ཆེད་བསྒྲིགས་གཡར་ཁྲལ་ཆེད་ཀྱི་མི་ཚེ་ཞེས་པའི་ནང་གི་གཞས་སྣ་གཙོ་བོ་དེ་ཡིན་ཞིང་། གཤམ་དུ་གཞས་དེའི་བརྙན་པར་དང་གཞས་ཚིག་ཨིན་བོད་ཤན་སྦྱར་དུ་བཀོད་ཡོད་པས་གཟིགས་རོགས།

བརྙན་པར།


Dido - White Flag (Official Music Video). Watch more top selected videos about: Dido (singer)
གཞས་ཚིག

White Flag
དར་ཆ་དཀར་པོ།

I know you think that I shouldn't still love you
I'll tell you that
But if I didn't say it
Well, I'd still have felt it
Where's the sense in that?
གུས་མོས་ཁྱེད་ལ་དགའ་མི་འོས་ཞེས་ཁྱེད་ཀྱིས་བསམས་པ་ཤེས།
ཁོ་མོས་ཁྱེད་ལ་ཞུ་རྒྱུར།
ཅི་སྟེ་ཁོ་མོས་དོན་དེ་མ་ལབ་ཀྱང་། །
སེམས་ནས་དུང་དུང་ཚོར་ངེས་པས།
དེ་ལ་དོན་སྙིང་ཅི་ཞིག་མཆིས།

I promise I'm not trying to make your life harder
Or return to where we were
ཁོ་མོས་ཁྱེད་ཀྱི་མི་ཚེ་ཇེ་ཁག་ཏུ་གཏོང་བའམ།
ད་ཡོད་ལམ་དུ་མི་ལོག་དམ་བཅའ་ཞུ།

Well I will go down with this ship
And I won't put my hands up and surrender
There will be no white flag above my door
I'm in love and always will be

ང་ནི་གྲུ་གཟིངས་འདིའི་ནང་མར་མར་འགྲོ།
ལག་པ་བཀྱག་ནས་མགོ་བོ་བསྒུར་བ་དང་།
ཁང་པའི་སྒོ་ལ་དར་དཀར་འཛུགས་མི་སྲིད།

གུས་མོ་བརྩེ་དུང་ནང་ལྷུང་། གཏན་དུ་ལྷུང་ངེས་ཡིན།

I know I left too much mess
And destruction to come back again
And I caused nothing but trouble
I understand if you can't talk to me again
And if you live by the rules of "It's over"
Then I'm sure that that makes sense

གུས་མོས་རྙོག་གྲ་ཆེས་མང་པོ་བཞག་ཅིང་།
ཕྱིར་ཡོང་ན་དཀྲོག་རྐྱེན་ལང་བ་ཤེས།
ཁྱེད་ལ་དཀའ་ངལ་མ་གཏོགས་མ་བཟོས་ཙང་།
ཡང་བསྐྱར་ཞལ་མ་གྲགས་ཀྱང་བསམ་ཤེས་བྱེད་ཐུབ།
ཅི་སྟེ་ཁྱེད་ཉིད་“སྒྲུང་རྫོགས་ཚར”བའི་རྩ་དོན་བཟུང་འདོད་ཡོད་ཚེ།
དེ་ཡི་རྒྱུ་མཚན་ཁོ་མོས་གསལ་རྟོགས་ཐུབ་ས་རེད།

Well I will go down with this ship
And I won't put my hands up and surrender
There will be no white flag above my door
I'm in love and always will be

ང་ནི་གྲུ་གཟིངས་འདིའི་ནང་མར་མར་འགྲོ།
ལག་པ་བཀྱག་ནས་མགོ་བོ་བསྒུར་བ་དང་།
ཁང་པའི་སྒོ་ལ་དར་དཀར་འཛུགས་མི་སྲིད།
གུས་མོ་བརྩེ་དུང་ནང་ལྷུང་། གཏན་དུ་ལྷུང་ངེས་ཡིན།

And when we meet
As I'm sure we will
All that was then
Will be there still
I'll let it pass
And hold my tongue
And you will think
That I've moved on

གུས་མོས་ཏན་ཏན་ཐུག་གི་རེད་དྲན་མུས་བཞིན།
ངེད་གཉིས་བསྐྱར་དུ་མཇལ་སྐབས།
དེ་དག་ཡོངས་རྫོགས།
དེ་རུ་ད་དུང་གནས་ངེས་ཀྱང་།
ངས་དེ་དག་འདའ་རུ་བཅུག་སྟེ།
རང་གི་ཁ་ལ་སྒོ་ལྕགས་བརྒྱབ་ཆོག
དེ་དུས་ཁྱེད་ཀྱི་ཐུགས་ནང་།
ངས་དེ་ཚོ་བརྗེད་ཚར་འདུག་དགོངས་ངེས་རེད།

Well I will go down with this ship
And I won't put my hands up and surrender
There will be no white flag above my door
I'm in love and always will be

ང་ནི་གྲུ་གཟིངས་འདིའི་ནང་མར་མར་འགྲོ།
ལག་པ་བཀྱག་ནས་མགོ་བོ་བསྒུར་བ་དང་།
ཁང་པའི་སྒོ་ལ་དར་དཀར་འཛུགས་མི་སྲིད།
གུས་མོ་བརྩེ་དུང་ནང་ལྷུང་། གཏན་དུ་ལྷུང་ངེས་ཡིན།


Well I will go down with this ship
And I won't put my hands up and surrender
There will be no white flag above my door
I'm in love and always will be
ང་ནི་གྲུ་གཟིངས་འདིའི་ནང་མར་མར་འགྲོ།
ལག་པ་བཀྱག་ནས་མགོ་བོ་བསྒུར་བ་དང་།
ཁང་པའི་སྒོ་སྟེང་དར་དཀར་འཛུགས་མི་སྲིད།
གུས་མོ་བརྩེ་དུང་ནང་ལྷུང་། གཏན་དུ་ལྷུང་ངེས་ཡིན།


I will go down with this ship
And I won't put my hands up and surrender
There will be no white flag above my door
I'm in love and always will be
ང་ནི་གྲུ་གཟིངས་འདིའི་ནང་མར་མར་འགྲོ།
ལག་པ་བཀྱག་ནས་མགོ་བོ་བསྒུར་བ་དང་།
ཁང་པའི་སྒོ་སྟེང་དར་དཀར་འཛུགས་མི་སྲིད།
གུས་མོ་བརྩེ་དུང་ནང་ལྷུང་། གཏན་དུ་ལྷུང་ངེས་ཡིན།

2 comments:

  1. ཀུན་དགའ་རྒྱལ་མཚན།May 19, 2012 at 3:28 PM

    བཀྲ་ཤིས་བདེ་ལེགས།
    ངས་ཁྱེད་ཉིད་ཀྱིས་དྲྭ་དེབ་ཏུ་སླེབས་ཕྱིས་རྐྱེན་དུས་མིན་གྱི་མཆན་བུ་བཀོད་པ་དགོངས་འགལ་མེད་པ་ཞུ། དེ་རིང་ངས་ཌི་ཌོ་ཞེས་པའི་གཞས་མའི་སྐོར་བཀླགས་ཡིན། གང་ཡིན་ཟེར་ན། ནམ་རྒྱུན་ཁྱེད་ཀྱི་དགོངས་པ་བཞེས་སྟངས་དང་ཌི་ཌོ་ཞེས་པའི་པར་མཐོང་བ་གཉིས་ཇི་ལྟར་མཚུངས་ཕྱོགས་སུ་སླེབས་མིན་ཐེ་ཚོམ་སྐྱེས་ཏེ་བཀླགས་ཡིན།
    དེའི་ནང་དུ་ཁྱེད་ཉིད་ཀྱིས་ཝེན་ཀུའུ་ཝར་ཕེབས་པའི་སྐབས་ཀྱི་དུས་ཚོད་སྟོང་པའི་རིགས་ལོངས་སུ་སྤྱོད་ཚུལ་ཞིག་བཀོད་འདུག ཕྲན་ཀློག་བཟང་བ་མིན་ཡང་། སྡེབ་སྦྱོར་བཟང་བའི་རྐྱེན་གྱིས་ཐང་དཀྱིལ་དུ་རྟ་རྒྱུག་བཏང་བ་ལྟ་བུ་ཕྱིན་སོང་།
    ད་ང་ཡང་ཌི་ཌོ་ཞེས་པའི་གཞས་ཁག་ཅིག་ཉན་འདོད་ལངས་སོང་།

    ReplyDelete
  2. ཕྱི་རུ་མངོན་པའི་ཆུང་ཚེའི་རྣམ་པ་དང་།།
    ནང་དུ་སྦས་པའི་འོག་འགྱུའི་རལ་ཁ་གཉིས།།
    གཅིག་གི་ཟླ་ལ་གཅིག་གིས་ལངས་དྲགས་པས།།
    བྱ་སྒྲོ་དཀར་པོའི་ཟློས་གར་དེ་ནས་མཆེད།།

    བསམ་འཆར་འདོན་པར་དུས་ཀྱི་སྔ་ཕྱི་མེད།།
    དྲྭ་དེབ་མྱུལ་བར་མཐོ་དམའི་ཁྱད་པར་མེད།།
    སུ་ཞིག་ནམ་ཞིག་ཁོམ་པའི་སྐབས་ཤར་ཚེ།།
    འདི་རུ་ཕེབས་ནས་ངལ་གསོ་གནང་བར་འཚལ།།

    ཀུན་དགའ་རྒྱལ་མཚན་ལགས། ཐུགས་རྗེ་ཆེ།

    ReplyDelete