2009-08-20

དམར་ཤོག་པ་ཡིན་མིན་གྱི་ས་མཚམས།

ཨ་རིའི་སྲིད་འཛིན་བཞི་བཅུ་པ་རོ་ནལྜི་ རེ་གྷན་གྱིས་༼༡༩༡༡་་་༢༠༠༤༽གསུངས་པར། དམར་ཤོག་རིང་ལུགས་པ་ཟེར་ན་སུ་འདྲ་ཞིག་ལ་ཟེར་བ་རེད་ཅེ་ན། དེ་ནི་མར་ཁེ་སེ་དང་ལེ་ཉིན་གྱི་རྩོམ་ཡིག་ཀློག་མཁན་ཚོ་རེད། འོ་ན་ཅི་འདྲ་ཞིག་ལ་དམར་ཤོག་ལ་ངོ་རྒོལ་བྱེད་མཁན་ཟེར་ཞེ་ན། དེ་ནི་མར་ཁེ་སེ་དང་ལེ་ཉིན་ཧ་གོ་མཁན་ཚོ་རེད།

How do you tell a communist? Well, it's someone who reads Marx and Lenin. And how do you tell an anti-Communist? It's someone who understands Marx and Lenin. Ronald Reagan 40th president of US (1911 - 2004)

3 comments:

  1. ཆུང་ཚེ་རིང་ལགས་སུ།
    དེ་རིང་ངས་དྲ་ཐོག་ཏུ་ཡུན་རིང་མྱུལ་རྗེས།
    ཉིད་ཀྱིས་ཟིན་བྲིས་ནང་དུ་འཛུལ་ཐུབ་པ་ཙམ་མ་ཟད།
    ཉིད་ཀྱི་་རྣམ་དཔྱོད་ཀྱི་རྩལ་ལས་ཐོན་པའི་རྩོམ་ཡིག་ཁག་འདིར་རིམ་པར་བཀོད་གནང་བ་རྣམས་རྟོགས་བྱུང་།
    རྗེས་སུ་ཟིན་བྲིས་ནང་ཡང་ཡང་མ་འབོད་མགྲོན་པོའི་ཚུལ་དུ་བཅར་ཆོག་པ་ཞུ་རྒྱུ་བཅས།

    བསེ་རུས་འཚམས་འདྲི་དང་བཅས།

    ReplyDelete
  2. ད་དུང་ཉིད་ཀྱི་དྲ་བྱང་ཁག་ངས་ངའི་ཟིན་བྲིས་ནང་དུ་དྲངས་ཡོད་པས་དེ་དོན་བཀའ་འཁྲོལ་ཡོད་པ་ཞུ།
    ད་དུང་བོད་ཡིག་ཐོག་ཡོད་པའི་དྲ་བྱང་ཡོད་ཚད་ཕྱོགས་གཅིག་ཏུ་བསྒྲིགས་ཏེ་བཞག་ན་དྲ་ཐོག་ནས་བོ་དཡིག་ཀློག་མཁན་ཚོར་ཧ་ཅང་མཁོ།

    ReplyDelete
  3. མཁྱེན་ཡངས་བསེ་རུ་ལགས། ཕྲན་གྱི་ཟིན་བྲིས་སུ་ཕེབས་པར་དགའ་བསུ་ཡོད། དྲྭ་བྱང་དེ་དག་ཀྱང་གཞན་ལ་བསྒྲགས་ཆེད་ཡིན་པས་བརྒྱུད་འགོད་གནང་ན་དགག་བྱ་མེད།

    ReplyDelete