2010-03-11

དགེ་རྒན་འོས་སྦྱོང་དང་པོ་གཉིས་པའི་འདྲ་པར།

གཤམ་གྱི་འདྲ་པར་གཉིས་དེ་ཤེས་རིག་གི་དགེ་རྒན་འོས་སྦྱོང་དང་པོ་དང་གཉིས་པའི་འདྲ་པར་རེད། དགེ་རྒན་འོས་སྦྱོང་དང་པོ་དེ་ཕྱི་ལོ་ ༡༩༦༣ ལོར་ཀང་རར་བཙུགས་པ་རེད། དགེ་རྒན་འོས་སྦྱོང་གཉིས་པ་དེ་དྷ་ཤོད་དུ་ཕྱི་ལོ་ ༡༩༦༥ ལོར་བཙུགས་པ་རེད། འདྲ་པར་གཉིས་ཀའི་དབུས་ཀྱི་ཕྱི་རྒྱལ་བུད་མེད་དུ་མིའི་སི་འཇུ་ཊི་ཞུ་བ་དེ་རེད། ཁོང་ནི་ཕལ་ཆེར་བཀྲས་མཐོང་ལྷག་སྒྲོན་ལགས་ཀྱི་ཨ་མ་ལགས་ཡིན་ས་ཡོད། ཁོང་གི་འགྲམ་དུ་བཞུགས་པའི་དགེ་འདུན་པ་དེ་ཛེ་སྨད་རིན་ོ་ཆེ་རེད། འདྲ་པར་དང་པོའི་ནང་གི་རིགས་སློབ་དབུ་དགེ་བློ་བཟང་རྒྱ་མཚོ་སོགས་ཁ་ཤས་ཤིག་ངས་ངོ་ཤེས་ཀྱི་འདུག

གང་ལྟར་དྲྭརོགས་ཚོས་མི་ངོ་ཆོད་པ་བྱུང་ཚེ་ཕྲན་ལ་མཆན་རེ་འཇོག་རོགས། དེ་ཡང་གཡས་གཡོན་གང་རུང་ནས་བརྩིས་ཏེ་གྲངས་འདི་མི་འདི་རེད་ཅེས་གསུང་རོགས་གནང།

 
ཕྱི་ཟླ་ ༣ ཚེས་ ༡༡ ཉིན་གསར་དུ་བཀོད་པ། དགེ་རྒན་འོས་སྦྱོང་པ་དང་པོའི་ནང་མི་གྲངས་ ༣༠ ཡོད་པའི་མིང་གཞཱུང་ཞིག་དེ་རིང་ཤེས་རིག་གི་ཡིག་མཛོད་ནང་ནས་རྙེད་བྱུང་། མིང་གཞུང་ཆ་ཚང་གཤམ་དུ་བཀོད་ཡོད། དེ་དག་པར་ནང་གི་གོ་རིམ་ལྟར་བསྒྲིགས་ཏེ་ལམ་སྟོན་གནང་རོགས།
སྐབས་དང་པོའི་དགེ་རྒན་འོས་སྦྱོང༌། ༡༽ བློ་བཟང་རྒྱལ་མཚན། ༢༽ ཚེ་རིང་བཀྲ་ཤིས། ༣༽ ཡེ་ཤེས་མཁས་གྲུབ། ༤༽ མཐུ་སྟོབས་བསྟན་འཛིན། ༥༽ བློ་བཟང་ཚུལ་ཁྲིམས། ༦༽ དཀོན་མཆོག་དཔག་བསམ། ༧༽ བློ་བཟང་འཇིགས་མེད། ༨༽ བྱམས་པ་བསྟན་འཛིན། ༩༽ སྐལ་བཟང་ཡེ་ཤེས། ༡༠༽ རིན་ཆེན་བཟང་པོ། ༡༡༽ བློ་བཟང་དཔལ་ལྡན། ༡༢༽ ངག་དབང་བརྩོན་འགྲུས། ༡༣༽ བློ་བཟང་རྒྱ་མཚོ། ༡༤༽ ཐུབ་བསྟན་ཆོས་དར། ༡༥༽ བྱམས་པ་མཁས་གྲུབ། ༡༦༽ བློ་བཟང་ཐུབ་བསྟན། ༡༧༽ བློ་བཟང་དམ་ཆོས། ༡༨༽ ངག་དབང་ཆོས་འབྱོར། ༡༩༽ བློ་བཟང་ཆོས་འཕེལ། ༢༠༽ འཇམ་དཔལ་འཕྲིན་ལས། ༢༡༽ ཐུབ་བསྟན་ཤེས་རབ། ༢༢༽ བློ་བཟང་བརྩོན་འགྲུས། ༢༣༽ ཡེ་ཤེས་འཕྲིན་ལས། ༢༤༽ བསྟན་འཛིན་རྒྱ་མཚོ། ༢༥༽ བྱམས་པ་ནོར་བུ། ༢༦༽ བློ་བཟང་སྦྱིན་པ། ༢༧༽ བྱམས་པ་ཐུབ་བསྟན། ༢༨༽ ངག་དབང་ཚེ་རིང༌། ༢༩༽ ཡེ་ཤེས་རྣམ་རྒྱལ། ༣༠༽ རྒྱལ་མཚན།

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་སྒྲོལ་དཀར་ལགས་ཀྱིས་ཨ་རིའི་བོད་སྐད་རླུང་འཕྲིན་ཁང་གི་རྒན་ཡེ་ཤེས་མཁས་གྲུབ་ལགས་ལ་བཀའ་འདྲི་གནང་སྟེ་གོང་གསལ་འདྲ་པར་དང་པོའི་འགྲེལ་བཤད་ཕྱི་ཟླ་ ༣ ཚེས་ ༡༤ དགོང་མོ༌གནང་སོན་བྱུང་བ་ལྟར་བཀོད་པ་གཤམ་གསལ།

 མདུན་གྲལ། གཡས་ནས་བརྩིས། ༡༽ དགའ་ཤར་བློ་བཟང་སྦྱིན་པ། ༢༽ རཀ་ར་སྤྲུལ་སྐུ་ཐུབ་བསྟན་ཆོས་དར། ༣༽ ལྷ་མགོན་སྤྲུལ་སྐུ་བྱམས་པ་མཁས་གྲུབ། མ་སུ་རིའི་དགེ་རྒན་གནང་མྱོང༌། ༤༽ དེང་རབས་དགེ་རྒན་ལྕམ་འཇུ་ཊིའི་ལགས། ༥༽ སློབ་སྤྱི་ཛེ་སྨད་རིན་པོ་ཆེ། ༦༽ བྱམས་ཆེན་སྤྲུལ་སྐུ། ཕྱིས་སུ་རྡོར་གླིང་སློབ་སྤྱི་གནང་མྱོང༌། ༧༽ བློ་གླིང་ཆོས་གྲགས་སྤྲུལ་སྐུ། ཁམས་བྲག་གཡབ་ནས་ཡིན། རྡོར་གླིང་གཏན་སློབ་དང་ཕྱིས་སུ་སན་འཇོ་སེབ་ཀྱི་སློབ་དགེ་གནང་མྱོང༌། ༨༽ དོན་འདུན་སྤྲུལ་སྐུ། ༩༽ ཀིརྟི་མཚན་ཞབས་བློ་བཟང་འཇིགས་མེད།

བར་གྲལ། ༡༽ མ་བྱན་རྣམ་རྒྱལ་ལགས། ཕྱིས་སུ་ྋགོང་ས་མཆོག་གི་གསོལ་ཐབ་པ་གནང༌། ༢༽ དན་འབག་ཆོས་མཛད་ངག་དབང་ཆོས་འབྱོར། ༼བདེ་ཡངས་ཆོས་མཛད་ཀྱང་ཞུ།༽ ༣༽ དགེ་རྒན་བློ་བཟང་བརྩོན་འགྲུས། ཕྱིས་སུ་རྡོར་གླིང་གཏན་སློབ་ཀྱི་དགེ་རྒན་གནང་མྱོང༌། ༤༽ འབྲས་ཕུ་ཁང་བློ་བཟང་རྒྱ་མཚོ། ཕྱིས་སུ་མ་སུ་རི་གཏན་སློབ་ཀྱི་དགེ་རྒན་དང་བཞུགས་སྒར་དྷ་ས་རིགས་སློབ་ཀྱི་དབུ་དགེ་གནང༌། ༥༽ བློ་བཟང་དམ་ཆོས། ཕྱིས་སུད་སིར་ཕེབས། ༦༽ སེར་སྨད་ཡེ་ཤེས་རྣམ་རྒྱལ། འཁྲུངས་ས་ཀ་སྦུག བོད་ཁྱིམ་དུ་དགེ་རྒན་གནང༌། ༧༽ ཡེ་ཤེས་འཕྲིན་ལས། ༼གདན་མ་བློ་ཆོས་རིན་པོ་ཆེའི་སྐུ་མཆེད།༽ བོད་ཁྱིམ་དུ་དགེ་རྒན་གནང་མྱོང༌། ༨༽ ས་སྐྱ་བ་རིན་ཆེན་བཟང་པོ།  ༩༽ བློ་བཟང་རྒྱལ་མཚན། ཝཱ་ཎ་གཙུག་ལག་སློབ་ཁང་དུ་ཕེབས་ཏེ་སློབ་དཔོན་གྱི་གནས་རིམ་བར་སློབ་གཉེར་གནང༌། བཞིན་བཟང་མ་གཏུམ་དྲག་རོལ་བའི་གཏམ་བརྒྱུད་སོགས་བརྩམས། སློབ་དགེ་ཡུན་རིང་གནང༌། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་ཡང་གནང༌། དེང་སྐབས་འབའ་ཆོས་སྡེ་དགོན་དུ་བཞུགས། ༡༠༽ བློ་གླིང་ངག་དབང་ཚེ་རིང༌། ༡༡༽ སེར་བྱེས་བྱམས་པ་ནོར་བུ།
༡༢༽ ཛེ་སྨད་རིན་པོ་ཆེའི་གསོལ་དཔོན་དང་དྲུང་ཡིག་གཅིག་ལྕོགས་སྐལ་བཟང་ལགས།  
རྒྱབ་གྲལ། ༡༽ འཕན་པོ་ན་ལནྜའི་ཆོས་གྲགས། ༼བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེའི་སློབ་མ།༽ ཕྱིས་སུ་རྡོར་གླིང་དུ་ཡུན་རིང་བཞུགས། ༢༽ གྲོ་མོ་བླ་བྲང་གི་གསོལ་དཔོན་ངག་དབང་བརྩོན་འགྲུས། ༣༽ སེར་སྨད་བློ་བཟང་དཔལ་ལྡན། མ་སུ་རིའི་ཆོས་དགེ་གནང་མྱོང༌། ༤༽ རྒྱལ་ཐང་བློ་བཟང་ཚུལ་ཁྲིམས། ༡༩༦༨ ལོར་སུད་སིར་ཕེབས། རྒྱལ་ཐང་དུ་སློབ་གྲྭ་བཙུགས། ༥༽ ཡེ་ཤེས་མཁས་གྲུབ། ཕྱིས་མ་སུ་རིའི་དགེ་རྒན་གནང༌། ༡༩༦༧ ལོར་ཨ་རིར་ཕེབས། དེང་སྐབས་ཨ་རིའི་རླུང་འཕྲིན་ཁང་དུ་ཕྱག་ལས་གནང་མུས། ༦༽ དཀོན་མཆོག་དཔག་བསམ། ཕྱིས་སུ་ཌལ་ཧོར་གཏན་སློབ་སོགས་ཀྱི་དགེ་རྒན་ཡུན་རིང་གནང༌། དེ་ནས་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་གནང༌། ད་ལྟ་རྒྱ་གར་ལྷོ་ཕྱོགས་སུ་བཞུགས། ༧༽ འབའ་པ་ཚེ་རིང་བཀྲ་ཤིས། འབྲས་སྤུངས་བློ་གསལ་གླིང་ནས་ཡིན། དགོངས་པ་རྫོགས་ཟིན། ༨༽ ཐུབ་བསྟན་ཤེས་རབ། ཕྱིས་བཞུགས་སྒར་གནས་ཆུང་དགོན་གྱི་འགན་བཞེས་ཡུན་རིང་གནང༌། མཚན་གཞན་ལ་དགེ་བཤེས་དབང་རྒྱལ་ལགས་ཞེས་ཞུ། ད་ལྟ་གནས་ཆུང་དུ་བཞུགས། ༩༽ འབའ་པ་བསྟན་འཛིན་རྒྱ་མཚོ། བོད་ལ་ལོག དགོངས་པ་རྫོགས་ཟིན། ༡༠༽ བློ་གླིང་ཐོན་ཟུར་ཆོས་མཛད་འཇམ་དཔལ་འཕྲིན་ལས། ༡༡༽ སྙེ་མོ་བ་སྐལ་བཟང་ཡེ་ཤེས། ཕྱིས་སུ་བཀའ་བློན་ཁྲི་པ་གནང་ཞིང༌། དེང་སྐབས་ནོར་བུ་གླིང་ཁའི་ངེས་སྟོན་པ་ཡིན་མུས། ༡༢༽ རྒྱལ་མཚན། ཕྱིས་སུ་བལ་ཡུལ་དུ་དགེ་རྒན་གནང་རྗེས་ཨ་རིའི་ནིའུ་ཡོག་ཏུ་ཕེབས། 




ཚེས་ ༡༣ ཉིན་ཁང་གསར་རྡོ་རྗེས་འདྲ་པར་གཉིས་པའི་འགྲེལ་བཤད་གནང་བ་གཤམ་གསལ།
གཡས་ནས་གཡོན་དུ་བརྩིས། མདུན༌གྲལ། ༡༽ གཙང་ཞ་ལུ་བཙུན་མ་ཀུན་བཟང་བསྟན་སྒྲོན། ༢༽ ཐུབ་བསྟན་ཤེས་རབ། ༣༽ ཉ་ལུ་སྤྲུལ་སྐུ། ༤༽ དགེ་རྒན་ལྕམ་འཇུ་ཊིའི། ༥༽ སློབ་སྤྱི་ཛེ་སྨད་རིན་པོ་ཆེ་བློ་བཟང་དཔལ་ལྡན་བསྟན་འཛིན་ཡར་རྒྱས། ༦༽ ཀིརྟི་སྤྲུལ་སྐུ་བློ་བཟང་བསྟན་འཛིན། ༧༽ ཐུབ་བསྟན་སྤྲུལ་སྐུ། ༨༽ དཀོན་མཆོག་དཔག་བསམ། ༩༽ བཙུན་མ་ལྷ་ས་བ་བློ་བཟང་ཆོས་སྒྲོན།
བར་གྲལ། ༡༽ ཆུ་འདུས་བསྟན་པ་བློ་གྲོས། ༢༽ བྲག་འགོ་བློ་བཟང་དར་རྒྱས། ༣༽ བྲག་གཡབ་བྱམས་པ་ཆོས་གྲགས། ༤༽ ཡ་འབྲོག་སྐལ་བཟང་ཆོས་ཉིད། ༥༽ བྲག་འགོ་ཡེ་ཤེས་མགོན་པོ། ༦༽ ལྡན་དོན་མདའ་མཁས་གྲུབ་ཆོས་དབང༌། ༧༽ འབའ་པ་ངག་དབང་འབྱུང་གནས། ༨༽ ལྷ་ས་བ་ཚེ་རིང་བག་གྲོ། ༩༽ རྟའུ་ཉི་མ་ཚེ་རིང༌། ༡༠༽ རྒྱ་མ་བསོད་ནམས་ཆོས་འབྱོར། ༡༡༽ བློ་བཟང་དམ་ཆོས།
རྒྱབ༌གྲལ། ༡༽ རྒྱ་མ་འཇམ་དབྱངས་རྒྱ་མཚོ། ༢༽ ཨ་མདོ་དགེ་འདུན་སྦྱིན་པ། ༣༽ འབུ་མ་རྗེ་དྲུང་བསྟན་འཛིན། ༤༽ འབའ་གོ་བོ་རོང་བློ་བཟང་བསྟན་འཛིན། ༥༽ འབའ་པ་ངག་དབང་རྒྱ་མཚོ། ༦༽ བྲག་གཡབ་འཇིགས་མེད་ཚེ་རིང༌། ༧༽ བྲག་གཡབ་རྟ་མགྲིན་རྒྱ་མཚོ། ༨༽ ལྷ་ས་བ་ཐུབ་བསྟན་ཚེ་རིང༌། ༩༽ འཕན་པོ་བ་བསྟན་འཛིན་ཀུན་དགའ། ༡༠༽ འཇམ་དབྱངས་ཤེས་རབ།

8 comments:

  1. ཆུང་ཚེ་རིང་ལགས། པར་དེ་གཉིས་སྔོན་མ་ཉེར་ལྔའི་དྲན་དེབ་སོགས་ནས་ངས་མཐོང་མྱོང་། པར་གཉིས་ཀའི་ཐོག་ལ་བོད་ཁྱིམ་སློབ་དགེ་བསྟན་འཛིན་ཀུན་དགའ་དང་ཆོས་དགེ་འཇམ་དབྱངས་རྒྱ་མཚོ་སོགས་ལ་བཅར་འདྲི་ཞུས་ཏེ་ཐོ་ཞིག་བཀོད་ཡོད། དེ་རིང་ཐོ་དེ་འཚོལ་སྐབས་འདྲ་པར་གཉིས་པ་དེའི་འགྲེལ་བཤད་གཙང་མ་ཞིག་རག་བྱུང་བ་གཤམ་དུ་བཀོད་ཡོད་པས་ཐུགས་ཕན་གསོས་རེ་ཡོད། འདྲ་པར་དང་པོའི་འགྲེལ་བཤད་དེ་རྙེད་ན་རྗེས་སུ་བཀོད་ཆོག འདྲ་པར་གཉིས་པའི་འགྲེལ་བཤད་གཤམ་གསལ།


    གཡས་ནས་གཡོན་དུ་བརྩིས། མདུན། ༡༽ གཙང་ཞ་ལུ་བཙུན་མ་ཀུན་བཟང་བསྟན་སྒྲོན། ༢༽ ཐུབ་བསྟན་ཤེས་རབ། ༣༽ ཉ་ལུ་སྤྲུལ་སྐུ། ༤༽ དགེ་རྒན་ལྕམ་འཇུ་ཊིའི། ༥༽ སློབ་སྤྱི་ཛེ་སྨད་རིན་པོ་ཆེ་བློ་བཟང་དཔལ་ལྡན་བསྟན་འཛིན་ཡར་རྒྱས། ༦༽ ཀིརྟི་སྤྲུལ་སྐུ་བློ་བཟང་བསྟན་འཛིན། ༧༽ ཐུབ་བསྟན་སྤྲུལ་སྐུ། ༨༽ དཀོན་མཆོག་དཔག་བསམ། ༩༽ བཙུན་མ་ལྷ་ས་བ་བློ་བཟང་ཆོས་སྒྲོན།
    བར། ༡༽ ཆུ་འདུས་བསྟན་པ་བློ་གྲོས། ༢༽ བྲག་འགོ་བློ་བཟང་དར་རྒྱས། ༣༽ བྲག་གཡབ་བྱམས་པ་ཆོས་གྲགས། ༤༽ ཡ་འབྲོག་སྐལ་བཟང་ཆོས་ཉིད། ༥༽ བྲག་འགོ་ཡེ་ཤེས་མགོན་པོ། ༦༽ ལྡན་དོན་མདའ་མཁས་གྲུབ་ཆོས་དབང༌། ༧༽ འབའ་པ་ངག་དབང་འབྱུང་གནས། ༨༽ ལྷ་ས་བ་ཚེ་རིང་བག་གྲོ། ༩༽ རྟའུ་ཉི་མ་ཚེ་རིང༌། ༡༠༽ རྒྱ་མ་བསོད་ནམས་ཆོས་འབྱོར། ༡༡༽ བློ་བཟང་དམ་ཆོས།
    རྒྱབ། ༡༽ རྒྱ་མ་འཇམ་དབྱངས་རྒྱ་མཚོ། ༢༽ ཨ་མདོ་དགེ་འདུན་སྦྱིན་པ། ༣༽ འབུ་མ་རྗེ་དྲུང་བསྟན་འཛིན། ༤༽ འབའ་གོ་བོ་རོང་བློ་བཟང་བསྟན་འཛིན། ༥༽ འབའ་པ་ངག་དབང་རྒྱ་མཚོ། ༦༽ བྲག་གཡབ་འཇིགས་མེད་ཚེ་རིང༌། ༧༽ བྲག་གཡབ་རྟ་མགྲིན་རྒྱ་མཚོ། ༨༽ ལྷ་ས་བ་ཐུབ་བསྟན་ཚེ་རིང༌། ༩༽ འཕན་པོ་བ་བསྟན་འཛིན་ཀུན་དགའ། ༡༠༽ འཇམ་དབྱངས་ཤེས་རབ།

    བཀྲ་ཤིས་ཚེ་རིང་གི་དེབ་རྣམས་གྷོལ་ཌེ་སེ་ཊན་བརྒྱུད་དེ་གནང་ན་འགྲིག་ས་རེད་གསུངས་བྱུང་། ཕྲན་ལ་དགོས་མཁོའི་དེབ་རྣམས་དྷ་སར་བཅའ་བཞཱུགས་ངོ་ཤེས་ཤིག་ལེན་པར་གཏོང་གི་ཡིན། རིན་འབབ་ཀྱང་དེ་དུས་ཕུལ་ཆོག

    ཁང་གསར་རྡོ་རྗེས་བྲེལ་སྟབས་སུ་ཕུལ།

    ReplyDelete
  2. ཁང་གསར་རྡོ་རྗེ་ལགས་ཀྱིས་མཛད་བྲེལ་གྱི་གསེང་ནས་ཆེད་དུ་དུས་ཚོད་བཏོན་ཏེ་འགྲེལ་བཤད་ཁ་གསལ་གནང་བར་ཐུགས་རྗེ་ཆེ། ད་དུང་འདྲ་པར་དང་པོའི་འགྲེལ་བཤད་རྙེད་ཚེ་ཕྲན་ལ་གང་མྱུར་གནང་རོགས། བཀྲ་ཤིས་ཚེ་རིང་གི་དེབ་སྐོར་བཀའ་མངགས་ལྟར་ཞུས་ཆོག ཐུགས་རྗེ་ཆེ། ཆུང་ཚེས།

    ReplyDelete
  3. དཔར་གཉིས་ཀའི་ནང་ཡོད་པའི་དཀོན་མཆོག་དཔག་བསམ་ནི་བློ་གསལ་གླིང་གི་ཚུལ་ཁང་མཁན་ཟུར་དཀོན་མཆོག་དཔག་བསམ་རེད་ཤག ཧ་ཧ། ཁོང་མཁན་ཐོགས་སྐབས་ག་དུས་ཡིན་ནའི་རྡ་ལ་འོ་སེའི་དགེ་རྒན་འོས་སྦྱོང་ཟེར་གྱི་འདུག

    ར་ས་ཕོ་ཉས།

    ReplyDelete
  4. ར་ས་ཕཽ་ཉ་ལགས། རྒན་དཀོན་མཆོག་དཔག་བསམ་ད་ལྟ་སྐུ་འཚོ་བཞུགས་རེད་དམ། ཡིན་ན་གང་དུ་བཞུགས་ཡོད། དྷ་ལ་ཧོའོ་སེའི་དགེ་རྒན་འོས་སྦྱོང་ཡིན་གྱི་མ་རེད། དྷ་རམ་ས་ལའི་དགེ་རྒན་འོས་སྦྱོང་ཡིན་གྱི་རེད། འོན་ཀྱང་ཁོང་གིས་དྷ་ལ་ཧོའོ་སེར་དགེ་རྒན་གྱི་ཕྱག་ལས་ཏན་ཏན་གནང་ཡོད་སྲིད།
    ཆུང་ཚེས།

    ReplyDelete
  5. ཆུང་ཚེ་རིང་ལགས། ཚུལ་ཁང་མཁན་ཟུར་དཀོན་མཆོག་དཔག་བསམ་ད་ལྟ་འབྲས་སྤུངས་དགོན་དུ་བཞུགས་ཡོད། ཁོང་གི་དགེ་རྒན་འོས་སྦྱོང་ས་གནས་གང་དུ་གནང་གསལ་པོ་རང་ཤེས་མ་སོང་། དྷ་ལ་འོ་སེའི་དགེ་རྒན་རྒྱུན་རིང་གནང་པ་འདྲ།

    ར་ས་ཕོ་ཉས།

    ReplyDelete
  6. ཚུལ་ཁང་མཁན་ཟུར་དཀོན་མཆོག་དཔག་བསམ་གྱི་ལོ་རྒྱུས་ཤིག་ཐབས་ཤེས་ཐུབ་ན་ཕྲན་ལ་གནང་རོགས།

    ReplyDelete
  7. ཆུང་ཚེ་ལགས། བོད་ཡིག་གི་དྲ་རྒྱ་མཐོང་པར་དགའ་པོ་བྱུང་། ཁྱེད་ཀྱི་དཔར་གཉིས་པའི་ནང་ཡོད་པའི་རྒན་དགེ་འདུན་སྦྱིན་པ་ལགས་ད་ལྟ་རྒྱ་གར་ལྷོ་ཕྱོགས་ལ་བཞུག་ཡོད།
    བློ་ཚེས།།

    ReplyDelete
  8. བློ་ཚེ་ལགས། ཕེབས་ཏེ་དགོངས་འཆར་གནང་བར་ཐུགས་རྗེ་ཆེ། ད་འདྲ་པར་གོང་གསལ་གཉིས་ཀྱི་འགྲེལ་བཤད་ཆ་ཚང་བྱུང་སོང་། ངས་དེབ་ནང་བཀོད་ཟིན།

    ReplyDelete