2013-07-03

མ་འགྲིམས་པའི་ལམ།

The Road Not Taken

By Robert Frost རོ་བྷར་ཊི་ ཧྥོ་རོ་སེ་ཊིས་བརྩམས།
Translated by Chung Tsering  ཆུང་ཚེ་རིང་གིས་བསྒྱུར།
 
Two roads diverged in a yellow wood
And sorry I could not travel both
And be one traveler, long I stood
And looked down one as far as I could
To where it bent in the undergrowth;

སེར་མདོག་ནགས་ནང་ལམ་ཁ་གཉིས་སུ་གྱེས།།
འགྲུལ་མི་གཅིག་གིས་གཉིས་ཀ་ཡོང་མིན་འགྱོད།།
ཡུན་རིང་བསྒྲེངས་བཞིན་ཐག་རིང་གཞོལ་མཚམས་ཀྱི།།
ལམ་མཐའི་ཕྱོགས་དེར་ཁོ་བོས་ཅི་ཐུབ་ཅེར།།


Then took the other, as just as fair
And having perhaps the better claim,
Because it was grassy and wanted wear;
Though as for that, the passing there
Had worn them really about the same,


དེ་ནས་ཅིག་ཤོས་ལ་ཞུགས་གཞན་བཞིན་ལེགས།།
ལམ་ཞུགས་ཐལ་བས་སྦག་ཚད་མཚུངས་ན་ཡང་།།
རྩྭ་ཡི་ཚོགས་དང་དེ་ཡིས་བསུ་བའི་ཕྱིར།།
གཅིག་ཏུ་འདི་ལ་བསྐྱོད་འོས་ཆེ་བར་སྣང་།།


And both that morning equally lay
In leaves no step had trodden black.
Oh, I kept the first for another day!
Yet knowing how way leads on to way,
I doubted if I should ever come back.
 


ཞོགས་པ་རྐང་རྗེས་ནག་པོས་མ་རེག་པའི།།
ཤིང་ལོ་གསར་པ་གཉིས་ཀར་མཚུངས་པ་ཉིད།།
སྐབས་གཞན་འགྲོ་སྙམ་དང་པོ་བཞག་ནའང་། །
ལམ་གྱིས་ལམ་དྲངས་བསྐྱར་ལོག་སོམ་ཉིའི་གནས།།
 

 I shall be telling this with a sigh
Somewhere ages and ages hence:
Two roads diverged in a wood and I—
I took the one less traveled by,
And that has made all the difference.
 


ཁོ་བོ་རྒས་དུས་ཤུགས་རིང་ཞིག་དང་ལྷན།།
ནགས་ན་ལམ་གཉིས་གྱེས་ཤིང་ཁོ་བོས་ནི།།
རྒྱུ་འགྲུལ་ཉུང་དེ་བདམས་སོ་དེ་ཡིས་ནི།།
ཁྱད་པར་ཡོད་ཚད་བཟོས་ཅེས་བརྗོད་པར་བྱ།། །།



སྙན་ངག་པ་རོ་བྷར་ཊི་ ཧྥོ་རོ་སེ་ཊི་(1874 – 1963 )ནི་ཨ་རིའི་སྙན་ངག་པ་གྲགས་ཅན་ཞིག་ཡིན་ཞིང་། ཁོང་གི་སྙན་ངག་འདི་དབྱིན་སྐད་ཀྱི་སྙན་ངག་སྐད་གྲགས་ཆེ་ཤོས་ཀྱི་ཁོངས་སུ་བདམས་ཏེ། མི་རབས་ནས་མི་རབས་སུ་ཀློག་འདོན་བྱེད་ཀྱི་ཡོད། སྙན་ངག་འདིའི་ནང་། རྩོམ་པ་པོས་ནགས་ཚལ་ནང་ལམ་གྱི་གྱེས་མདོ་ཞིག་ཏུ་བསྒྲེངས་ཏེ། ལམ་དང་པོ་བཞག་སྟེ་གཉིས་པ་བདམས་པ་དང་། ལམ་དང་པོར་མ་འོངས་པར་བསྐྱར་ལོག་བྱ་འདོད་ཡོད་ཀྱང་། ལམ་གཉིས་པར་སོང་ན། གཉིས་པ་དེས་མུ་མཐུད་གཞན་དང་གཞན་དུ་འཁྲིད་ངེས་པས། བསྐྱར་ལོག་ཐུབ་མིན་སོམ་ཉི་ཡིན་པ་དང་། ཕྱིས་སུ་རྒས་དུས། རང་ཉིད་ཀྱིས་ལམ་དང་པོ་བདམས་དོན་ནི། དེ་ལ་རྒྱུ་འགྲུལ་བྱེད་མཁན་ཉུང་བ་ཡིན་ཚུལ་གྱི་བཅོས་མའི་རྒྱུ་མཚན་ཞིག་བཤད་རྩིས་ཡོད་ལུགས་བརྗོད་ཡོད། དབྱིན་སྐད་ནང་སྙན་ངག་འདིའི་སྡེབ་སྦྱོར་ལེགས་ཤིང་། དོན་གསལ་ལ། འདི་འདྲའི་འདམ་གའི་རིགས་ནི་མི་ཚེའི་ནང་རྒྱུན་དུ་བྱེད་དགོས་པ་ཞིག་ཡིན་པས། ཀློག་པ་པོ་ཚོས་བསྟན་དོན་རྒྱ་ཆེ་བར་ངོས་འཛིན་བྱེད་བཞིན་མཆིས། 

ཕྲན་རང་སྙན་ངག་འདི་ལ་དགའ་ཞིང་། དེ་རིང་དྲན་ཚུལ་གློ་བུར་བ་ཞིག་གིས་རྐྱེན་བྱས་ཏེ། འཕྲལ་མར་བོད་ཡིག་ཏུ་བསྒྱུར་ཏེ་དྲ་ལམ་དུ་བཀོད་པ་འདིར་སྐྱོན་ཆ་དང་ལེགས་བཅོས་དགོས་པ་ཅི་ཞིག་མཆིས་ཀྱང་ཐད་ཀར་གསུངས་པར་བསྐུལ་ལོ།། །། 

4 comments:

  1. ཨིན་ཡིག་ལམ་ནས་བཏོན་ན་དཔེ་སྙན་མོ་འདུག  ཡིན་ནའི་རྒན་ལགས་ནས་ཡང་ཡིད་འཁུལ་བ་ཞིག་བསྒྱུར་འདུག ཐུགས་རྗེ་ཆེ།  གཡུ་མིང་བས་ཨ་རིར།

    ReplyDelete
  2. ང་རང་སྙན་ངག་འདི་ལ་དགའ་བས། བར་གསེང་གི་དུས་ཚོད་ཅིག་ལ་འཕྲལ་བསྒྱུར་བྱས་པ་ཡིན། ད་རིམ་པས་འགྱུར་ལ་འགྱུར་འཆོས་དང་། ཡང་བསྒྱུར་བསྐྱར་བསྒྱུར་གནང་སྟེ། འབྱུང་འགྱུར་སྙན་ངག་འདི་བོད་སྐད་ནང་བྲོ་བ་ཡོད་པ་ཞིག་བཟོ་དགོས། ངས་ནི་རྨང་གཞི་ཙམ་བསྒྱུར་ཁུལ་ལགས།

    ReplyDelete
  3. བསྒྱུར་བའི་སྙིང་སྟོབས་དང་གདེང་ཚོད་ཡོད་ཀྱང་བསྒྱུར་བ་རྡོ་ཆག་བཙན་སྒྲིག་རང་རེད། སྡོད་ས་ཡོད་ན་རྐྱོང་ས་མ་བཙལ། ཁབ་བཅུགས་མཁན་མེད་ན་ཁབ་མི་འདུག་མ་བསམ

    ReplyDelete
  4. སྐྱོན་བརྗོད་གནང་བར་ཐུགས་རྗེ་ཆེ། ངས་ཞར་དང་ཞོར་ལ་སྙན་ངག་སྒྱུར་སྟངས་ཀྱི་ཐད་ཚོད་ལྟ་ཁ་ཤས་བྱེད་བཞིན་ཡོད། འདི་དེའི་ཆ་ཤས་ཤིག་ཡིན། ངས་ཤེས་པ་ཚང་མ་འདི་ལྟར་ཚོད་ལྟ་བྱས་ཏེ་ཤེས་པ་ཡིན།

    ReplyDelete