2009-09-01

མཚར་གཏམ་བཅུ་བཞི།

༡། ཁ་བསྒྱུར།
སྨན་ཞབས་མ་ཞིག་གིས་དངངས་འཚབ་ཆེན་པོའི་ངང་སྨན་པའི་སར་ཡོང་སྟེ་བཤད་པར། ཨེམ་ཆི་ལགས། ཁྱེད་རང་གིས་རྦད་དེ་སང་དྲག་ཕྱིན་ཤག་ཟེར་བའི་མི་དེ། སྨན་ཁང་གི་སྒོ་ནས་ཕྱི་ལ་ཐོན་དུས་ལམ་སེང་འགྱེལ་ནས་ཤི་སོང་ཞེས་བཤད། དེ་ལ་སྨན་པས། མགྱོགས་པོ་ཕྱིན་ནས་ཁོའི་རོ་དེའི་ཁ་ཕྱོགས་བསྒྱུར་ཏེ་ད་ལྟ་སྨན་ཁང་དུ་གཞི་ནས་ཡོང་གི་ཡོད་པའི་རྣམ་པ་ཞིག་བཟོས་ཟེར་རོ།།

༢། ཁྱེད་རང་གསོད་རྩིས་མེད།
སྐུ་མགྲོན་གཙོ་བོ་ཞིག་གིས་གསུང་བཤད་ཆུ་ཚོད་གཅིག་རིང་གནང་ཟིན་ཡང༌། ད་དུང་འདོད་པ་མ་ཚིམ་པར་མུ་མཐུད་གནང་རྩིས་བྱེད་སྐབས། མི་ཞིག་གིས་ཁྲོ་ཉམས་ཆེན་པོས་མེ་མདའི་ནང་མདེའུ་བླུག་བཞིན་ཡོད་པ་མཐོང་སྟབས། ཞེད་ནས་བཤད་པར། སྐུ་ཞབས་ལགས། ང་མ་གསོད་རོགས། ངས་བཤད་མཚམས་བཞག་ཆོག་ཅེས་བཤད། མི་དེས། ཁྱེད་རང་ལ་གསུང་རྒྱུ་ག་ཚོད་ཡོད་ནའང་གསུང་རྐྱང་གནང་ཞིག །ངས་ཁྱེད་རང་འདིར་གདན་འདྲེན་ཞུ་མཁན་དེ་གསོད་རྒྱུ་ལས་ཁྱེད་རང་གསོད་རྩིས་མེད་ཅེས་བཤད་དོ།།

༣། ཁོང་ཕེབས་རྗེས་བཅར་ཆོག །
ཀླད་པ་དེ་ཙམ་གྱིས་ཐང་པོ་མེད་པའི་མཁས་དབང་ཞིག་གིས་རང་གི་ཁང་པའི་ལྡེ་མིག་འཁྱེར་རྒྱུ་བརྗེད་པས། ཕྱིར་ལོག་ནས་རང་ཁྱིམ་གྱི་སྒོ་བརྡུང་པ་རེད། སྐབས་དེར་ས་རུབ་ཟིན་པས་གཡོག་པོས་སྒོ་མ་ཕྱེ་བར་ནང་ལོགས་ནས།
མཁས་དབང་མཆོག་ད་ལྟའང་ནང་དུ་ཕེབས་མ་བྱུང་ཞེས་བརྗོད་པ་རེད། དེར་མཁས་དབང་དེས། བྱས་ན། ང་ཁོང་ཕེབས་རྗེས་བཅར་གྱི་ཡིན་ཞེས་བཤད་ནས་ཕྱིར་སོང་ངོ་།།

༤། དཀའ་ངལ་དེ་རང་ཡིན།
མི་ཕྱུགས་པོ་ཞིག་གྲོངས་པའི་དུར་མཇུག་མཛད་སྒོ་ཚར་རྗེས། ཆོས་དཔོན་གྱིས་མི་ཞིག་མྱ་ངན་ཆེན་པོས་ད་དུང་ངུ་བཞིན་ཡོད་པ་མཐོང་བ་རེད། བྱས་ཙང་ཁོང་གིས་མི་དེར། ཁྱེད་རང་འདས་པོ་དེའི་སྤུན་ཉེ་ཞིག་ཡིན་ནམ། ཞེས་དྲིས། མི་དེས། ལགས་མིན། ང་ངུ་དགོས་པའི་རྒྱུ་མཚན་དེ་རང་ཡིན་ཞེས་བརྗོད་པ་རེད།

༥། སྒྲ་ཆེན་པོ།
སྒྲོལ་མ་ཉལ་ནས་ཡོད་དུས་རང་ཁྱིམ་གྱི་སྐས་འཛེགས་འོག་ནས་སྒྲ་ཆེན་པོ་ཞིག་གྲགས་པ་ཐོས་པ་རེད། མོས་ལམ་སེང་ལངས་ནས་བལྟ་སྐབས་རང་གི་ཁྱོ་ག་དེར་ཡོད་པ་རེད། མོས་ག་རེ་བྱས་སོང་ཞེས་དྲིས། ཁྱོ་ག་དེས། ངའི་དུག་ལོག་སྐས་འཛེགས་འོག་ལ་ཟག་སོང་ཞེས་བཤད་པ་རེད། སྒྲོལ་མས། བྱས་ན་སྒྲ་ཆེན་པོ་གྲགས་དོན་གང་ཡིན་ནམ་ཞེས་བཤད་པར། ཁྱོ་གས། ང་དེའི་ནང་ཡོད་པས་རེད་ཅེས་ལན་བརྒྱབ་བོ།།

༦། དཔྱད་བརྗོད་པ།
རྩོམ་པ་པོ་ཞིག་དང་མི་གཞན་ཞིག་བརྩམས་སྒྲུང་རིང་གྲས་ཤིག་གི་སྐོར་ལ་དཔྱད་གླེང་བྱེད་ཀྱི་ཡོད། རྩོམ་པ་པོ་དེས་གཞན་དེར། ཁྱེད་ཀྱིས་ད་བར་རྩོམ་ཡིག་གཅིག་ཀྱང་འབྲི་མྱོང་མེད་སྟབས། བརྩམས་སྒྲུང་འདིའི་ཐོག་ལ་དཔྱད་བརྗོད་བྱེད་པའི་དབང་ཆ་མེད་ཅེས་བཤད། མི་གཞན་དེས། དེར་སྐྱོན་ག་རེ་ཡོད་དམ། ངས་ད་བར་སྒོ་ང་གཅིག་ཀྱང་གཏོང་མྱོང་མེད་རུང༌། སྒོ་ང་རྔོས་མ་བཟོ་དགོས་བྱུང་ན། ང་བྱ་མོ་ལས་མཁས་པ་ཡོད་ཅེས་བཤད་དོ།།

༧། ང་ཁོའི་བུན་བདག་ཡིན།
སྨན་པ་ཞིག་གིས་དངུལ་གྱི་ཆེད་དུ་སེམས་ཁྲལ་ཆེན་པོས་མནར་བའི་མི་ཞིག་ལ་སེམས་གསོ་བྱས་པར། ཁྱེད་རང་ལྷོད་ལྷོད་དང་གུ་ཡངས་པོ་གནངས་ཤིག །ཉིན་ཤས་སྔོན་མི་ཞིག་གིས་བུ་ལོན་སྤྲོད་མ་ཐུབ་པའི་སེམས་ཁྲལ་ཆེ་བའི་དབང་གིས་ངའི་སར་སླེབས་བྱུང༌། ངས་ཁོ་ལ་གནས་ཚུལ་དེ་རིགས་སེམས་ལ་མ་བཞག་པར་ལྷོད་ལྷོད་དང་སྐྱིད་པོ་བྱེད་ཚུལ་བསླབས་པ་ཡིན། ད་ཆ་ཁོ་སྐྱིད་ཐག་ཆོད་ཆགས་ཡོད་ཅེས་བཤད་པར། མི་དེས། དེ་ངས་ཧ་གོ་གི་ཡོད། གང་ཡིན་ཟེར་ན། ང་ཁོའི་བུ་ལོན་གྱི་བདག་པོ་དེ་ཡིན་ཞེས་བཤད་དོ།།

༨། རང་ལ་བལྟ་བ།
ཁྱོ་ཤུག་གཉིས་རི་མོའི་འགྲེམས་སྟོན་ཞིག་ལ་བལྟ་བཞིན་ཡོད། གང་ཙམ་ནས་ཁྱོ་ག་དེས། གཟུགས་བརྙན་འདི་ནི་ངས་ད་བར་མཐོང་བའི་གཟུགས་བརྙན་ནང་ནས། མདོག་ཉེས་ཤོས་དེ་རེད། ཅེས་བཤད། སྐྱེ་སྨན་དེས། ཁྱེད་རང་ཚུར་ཕེབས་དང༌། ཁྱེད་རང་གིས་ཤེལ་སྒོའི་ནང་ནས་སོ་སོའི་གཟུགས་བརྙན་ལ་བལྟ་གི་འདུག་ཅེས་བརྗོད་དོ།།

༩། ཕྱི་ལ་བརྩེས།
ཕྲུ་གུ་ཞིག་གིས་འཕུར་བཞིན་པའི་གནམ་གྲུའི་ནང་དུ་རྩེད་མོ་བརྩེས། ཁོས་རྩེད་མོ་བརྩེས་ནས་ཡར་རྒྱུག་མར་རྒྱུག་བྱེད་སྐབས། གནམ་གྲུའི་ནང་གི་ཞབས་ཞུ་མ་ཞིག་གིས་བཏུང་བྱ་གྲང་མོ་འཁྱེར་ཡོང་བཞིན་པར་ཐུག་ནས༌ཚང་མ་བཤོས། ཞབས་ཞུ་མ་དེས་གཙང་མ་བཟོ་ཞོར་དུ། བུ་རང་ཕྱི་ལ་རྩེད་མོ་རྩེ་བར་སོང་ན་གང་འདྲ་འདུག་ཅེས་བཤད་དོ།།

༡༠། ཉལ་ཁྲི་ཚོང་སར་སྤོས།
ཚོང་ཁང་ཞིག་གི་དོ་དམ་པས། རང་གི་ལས་རོགས་ལ། དོན་གྲུབ་ཟེར་མཁན་གྱི་མི་འདི་ད་བར་གང་དུ་བཏང་ཡང་ལས་ཀ་བྱེད་ཀྱི་མེད་པར་བརྟེན། ངའི་འཁྲིས་ལ་ཉར་བ་ཡིན། འོན་ཀྱང་ཁོ་ངའི་འཁྲིས་ལ་ཉར་ན་ཡང༌། སྔར་བཞིན་ཉིན་གང་གཉིད་ཁུག་ནས་ལས་ཀ་བྱེད་ཀྱི་མི་འདུག་ཅེས་བཤད་པར། ལས་རོགས་ཀྱིས། བྱས་ན་ཁོ་ཉལ་ཁྲི་ཚོང་སར་བཏང་ཐོག །ཁོའི་མདུན་དེར། ང་ཚོའི་ཉལ་ཁྲིའི་སྤུས་ཚད་ལེགས་དྲགས་པས། ཐ་ན་ཉལ་ཁྲི་ཚོང་མཁན་ཡིན་རུང་གཉིད་ལས་སད་ཐུབ་ཀྱི་མེད་ཅེས་བྲིས་ནས་ཞོགས་ཞེས་བཤད་དོ།།

༡༡། ཀུ་ཤུ་ནང་བཞིན།
སྐྱེ་སྨན་ཞིག་གིས་ཀུ་ཤུ་ཚོང་མཁན་ལ་ཁ་པར་བཏང་སྟེ། ཁྱེད་རང་གིས་ཁ་སང་བཙོང་པའི་ཀུ་ཤུ་དེ་རྣམས། དེ་རིང་རུལ་འདུག །བྱས་ཙང་ང་དེ་དག་ཕར་སློག་པར་ཡོང་གི་ཡིན། ཞེས་བཤད། ཀུ་ཤུ་ཚོང་མཁན་གྱིས༌། དེ་འདྲ་གནང་མི་དགོས། ཁྱེད་རང་གི་གསུང་དེ་ཀུ་ཤུ་ནང་བཞིན་རེད་ཤག༌ཅེས་བཤད།།

༡༢། བསྔགས་བརྗོད་བྱེད་དོན།
གསེར་ཊམ་བརྒྱའི་བདག་པོ་ཞིག་གིས་མི་དབུལ་པོ་ཞིག་ལ། ཁྱེད་ཀྱིས་མི་མང་པོའི་དཀྱིལ་དུ་ང་ལ་བསྔགས་བརྗོད་རྒྱུན་དུ་བྱས་ན། ངས་གསེར་ཊམ་༡༠ སྤྲད་ཆོག་ཅེས་བཤད་པར། དབུལ་པོ་དེས། གསེར་ཊམ་ ༡༠ ལ་ངས་རྒྱུན་དུ་ཁྱེད་ལ་བསྔགས་བརྗོད་བྱེད་ཐུབ་པ་མི་འདུག་ཅེས་བཤད། ཡང་མི་ཕྱུག་པོ་དེས། ཡང་ན་ངས་ཁྱེད་ལ་གསེར་ཊམ་ ༥༠ སྤྲད་ན། ཁྱེད་ཀྱིས་ང་ལ་བསྔགས་བརྗོད་བྱེད་ཐུབ་བམ་ཞེས་དྲིས། དབུལ་པོས། ང་ལ་གསེར་ཊམ་ ༥༠ སྤྲད་ན། ཁྱེད་དང་ང་ཕྱུག་ལོས་གཅིག་པ་ཡིན་པས། ངས་ཁྱེད་ལ་བསྔགས་བརྗོད་བྱེད་དོན་ག་རེ་ཡོད་ཅེས་བཤད། མཐར་ཕྱུག་པོ་དེས། ད་འོ་ན། ངས་གསེར་ཊམ་ཚང་མ་ཁྱེད་ལ་སྤྲད་ཆོག །ཁྱེད་ཀྱིས་ང་ལ་བསྔགས་བརྗོད་རྒྱུན་དུ་བྱེད་རོགས་ཞེས་བཤད་པར། མི་དབུལ་པོ་དེས། ང་གསེར་ཊམ་བརྒྱ་དང༌། ཁྱེད་རང་ལ་གཅིག་ཀྱང་མེད་ན། ཁྱེད་ཀྱིས་ང་ལ་བསྔགས་བརྗོད་བྱེད་དགོས་པ་ལས། ངས་ཁྱེད་ལ་བསྔགས་བརྗོད་བྱེད་དོན་མེད་ཅེས་བཤད་དོ།།

༡༣། ན་ཚ་གསར་པ།
ནད་རིགས་ཉམས་ཞིབ་པས་ན་ཚ་གསར་པ་ཞིག་འཚོལ་རྙེད་ཐུབ་པ་རེད། ན་ཚ་དེར་ནད་རྟགས་གང་ཡང་མེད་པར་མ་ཟད། སྔོན་འགོག་ཐུབ་ཐབས་ཀྱང་མེད། ན་ཚ་ཕོགས་རྗེས་བཅོས་ཐབས་ཀྱང་ད་ལྟ་ཤེས་མེད། སྟབས་ལེགས་པ་ཞིག་ལ་ད་བར་ན་ཚ་འདི་ཕོགས་ནས་སྨན་ཁང་དུ་སླེབས་པ་སུ་ཡང་མེད།

༡༤། མཐོང་དཀའ་བའི་བྱས་འབྲས།
ཁྱོ་ག་ནང་ལ་ལོག་ཡོང་སྐབས། ཉལ་ཆས་བསྡུས་མེད་པར་མ་ཟད། ཐབ་ཚང་ནང་གི་ལྟོ་སྣོད་ཚང་མ་བཀྲུས་མེད། དེ་བཞིན་ཕྲུ་གུའི་དུག་ལོག་དང༌། དེབ་རིགས། རྩེད་ཆས་སོགས་ཀྱིས་ནང་དེ་ཟང་ངེ་ཟིང་ངེར་གནས་ཡོད། ད་དུང་དགོང་དྲོའི་ཁ་ལག་ཀྱང་ཟས་ཆོག་ཆོག་མེད། དེར་བརྟེན་ཁྱོ་ག་དེས་ཁོང་ཁྲོའི་ངང༌། ད་ག་རེ་བྱས་པ་རེད་ཅེས་རང་གི་བཟའ་ཟླར་སྐད་ཆ་དྲིས། བཟའ་ཟླ་དེས། གང་ཡང་བྱས་མ་སོང༌། ཁྱེད་རང་གིས་ཉིན་ལྟར་ང་ལ། ཁྱོད་ཉི་མ་ཉིན་གང་ག་རེ་བྱས་ནས་སྡོད་ཀྱི་ཡོད་དམ་ཞེས་སྐད་ཆ་འདྲི་གི་ཡོད་པ། དེ་རིང་ངས་གང་ཡང་མ་བྱས་པར་བསྡད་པ་ཡིན་ཞེས་བཤད་དོ། །

9 comments:

 1. h-¾ô-mÅ-¾ïGÅ-¢¼-hP-ÈÛm-lÝ-Ç+h-»ÛG-ÇKP-¾-h¤ÛGÅ-zž-HÛ-ÁÝGÅ-MG-hGôÅ-ˆÛ-ºhÝG-ÇezÅü ƒG-lô-ºhÛ-GZÛÅ-;ºÛ-Gmôm-ÁÝGÅ-ºôG-mÅ-»Þm-¼ÛP-qô-ŸÛG-¾-Eïh-±P-¾-»ôP-Dô¤-¤-‚ãP-f¾ü Eïh-±P-zhï-z¼-zŸÝGÅ-Ťü
  ym-¾-Ç+zÅ-hôm-ŸÝ-ljÛP-GÅÞ¤-»ôhü hP-qôü Eïh-ˆÛ-i-MºÛ-mP-GÛ-IôÅ-±ôGÅ-GôP-¤ºÛ-ºfÞÅ-¤Û-ŸÛG-GÛ-GÅÞP-zÁh-TïÅ-q-¤-GbôGÅ-¯ô¤-»ÛG-GŸm-hG-hzÞ-¤ïh-mP-Á¼-HÛ-ºhÝG ym-hzÞ-¤ïh-¾-V-MãÅ-hï-®¤-¤ïh-ÇezÅ-hï-hG->ÀôG-q¼-h;º-P¾-ºhÝG GZÛÅ-qü Ç+Ý-ZÛh-ˆÛÅ-zôh-ˆÛ-»ÛG-Nå¼-¤Dm-±ôÅ-PïÅ-q¼-hÝ-mP-ºiïm-‚ïh-hGôÅ-qºÛ-¼ÛG-GmÅ-GP-hG-¼ïh-hGôPÅ-ˆÛ-ºhÝG GÅÞ¤-qü Ç+Ý-ZÛh-ˆÛÅ-»ÛG-Nå¼-GmP-Ç+zÅ-±h-¿km-HÛ-±ÛG-¤²ôh-h¤-Mã-V-GP-hG-zïh-uôh-‚ïh-zŸÛm-»ôhü
  Lm-¾GÅü ym-h-¿e-¤Þ-¤fÞh-º²Ûm-I-!м-ºIô-hGôÅ-ˆÛ-»ôh-ÇezÅü hï-¼ÛP-Eïh-±P-mÅ-»Þm-¼ÛP-¾-ºhÝG-Dô¤-¤Û-ºhÝG G¸º-ºhÛºÛ-G¸º-¤WâG-¾-Lm-±P-¾-»P-zB¼-»ôP-GÛ-»Ûmü
  GPÅ-fÛGÅ-ˆÛÅ-GÝÅ-ºhÝh-hP-zTÅü

  ReplyDelete
 2. རྒན་ཆུང་ཚེ་རིང་ལགས།
  སྐུ་བདེ་འམ
  གོང་གསལ་གྱི་ཡི་གེ་འདི་ཁྱོད་ལ་བདུན་ཕྲག་སྔོན་མ་ནང་བསྐུར་དགོས་བསམ་ཀྱང་དེའི་སྐབས་སུ་ཁྱོད་ཀྱི་དྲ་ཚིགས་སྟེང་སྤེལ་ཐུབ་ཀྱི་མི་འདུག དེ་རིང་སྐུ་ཉིད་ལ་བཀའ་འདྲི་ཞུ་ཡ་གཅིག་ཡོད། གཤམ་གསལ་དབྱིན་ཇི་ཐིག་ཕྲེང་འདི་ཇི་ལྟར་བསྒྱུར་ན་ལེགས་པོ་འདུག
  a death of old. a birth of new
  གསལ་བཤད། མ་རྩོམ་ནང་དུ་གོང་གསལ་ཚིག་ཕྲེང་གཉིས་ལོག་ག་རེད། རེ་རེ་བྱས་ཏེ་བསྒྱུར་དགོས་ཀྱི་འདུག
  གངས་ཐིགས་ཀྱིས་གུས་འདུད་དང་བཅས།

  ReplyDelete
 3. ཆུང་ཚེ་ལགས་དེ་རངི་ཞིག་ནས་ཁྱེད་རང་གི་ཟིན་བྲིས་འདི་ཁ་ཕྱེ་ཐུབ་སོང་། ག་ལེར་ཞིབ་ཀློག་བྱེ་ད་ཀྱི་ཡིན། སུ་ཡིན་མིན་ཁྱེ་དརང་གིས་ཚོད་དཔག་ཐབ་ུབ་པ་བགྱིས་དང་།

  ReplyDelete
 4. ཁྱེད་རང་སུ་ཡིན་མིན་ཧ་གོ་མ་སོང་། དེ་སྔོན་ཟིན་བྲིས་འདི་བཀླག་རྩིས་གནང་ཡང་གློག་ཀླད་དུ་ཤར་གྱི་མི་འདུག་གསུང་མཁན་ཁ་ཤས་ཤིག་བྱུང་བའི་ནང་ནས་གཅིག་ཡིན་པ་འདྲ། ཨུམ། སུ་ཡིན་ནམ། ཐིག་ས་མ་རེད། ད་ཁྱད་མི་འདུག ཡང་ཡང་ཕེབས་རོགས་གནང་། སྔོན་མ་སྙན་ངག་སྦྱོང་དུས། ད་དུང་ཡང་ཡང་ཕེབས་དང་སྔོན་པོ་ཏོག །ཅེས་པ་ཞིག་ཡོད། ད་དུང་ཡང་ཡང་ཕེབས་དང་གྲོགས་པོ་ལགས། ཞེས་ཞུ་རྒྱུ་ཡིན།

  ReplyDelete
 5. ཆུང་ཚེ་རིང་ལགས།


  ཁྱེད་ཀྱི་ཐུགས་རུས་ལ་རྗེས་སུ་ཡི་རངས་ཡོད།

  ReplyDelete
 6. ཆུང་ཚེ་རིང་ལ་ཀྱེད་རང་གི་སྒྲུང་དེ་ཚོ་སྙན་པོ་འདུག

  ReplyDelete
 7. ནོར་ཉི།December 2, 2012 at 9:25 AM

  མཆོག་ཏུ་བཀུར་འོས་ཆུང་ཚེ་རིང་ལགས། ཁྱེད་ཀྱི་དྲ་དེབ་ལ་ཐད་ཀར་ལྟ་མྱོང་བྱ་རྒྱུའི་གོ་སྐབས་ཐོབ་པ་ནི་ང་ལ་མཚོན་ན་ཆེས་དགའ་འོས་པ་ཞིག་ཡིན། ང་ནི་སྒྲུང་དང་མཚར་གཏམ་བཀླག་རྒྱུར་དགའ་མཁན་ཞིག་ཡིན་པས། ད་ལན་ཁྱེད་ཀྱི་མཚར་གཏམ་ཡོངས་རྫོགས་དགོད་ཀྱིན་དང་རྔམ་གྱིན་བཀླགས་པ་ཡིན་ལ། སླད་མ་འོངས་པར་རྩོམ་སྒྲུང་ཡོད་ཚད་བཀླག་རྒྱུའི་འཆར་གཞི་འཐེན་ཟིན། བཀའ་དྲིན་ཆེ།

  ReplyDelete
 8. ནོར་ཉི་ལགས། ཁྱེད་འདིར་ཕེབས་ཏེ་ངའི་རྩོམ་ཆོ་ཡོད་ལ་མེད་ལ་དེ་ཚོ་གཟིགས་པར་ཐུགས་རྗེ་ཆེ། མུ་མཐུད་ཕེབས་ཏེ་དགོངས་འཆར་གནང་རོགས།

  ReplyDelete
 9. ཀུན་དགའ་རྒྱལ་མཚན།February 27, 2013 at 10:33 AM

  ཆུང་ཚེ་རིང་ལགས།
  ཐོག་མར་ལོ་གསར་པར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ། དེང་སང་སློབ་ཕྲུག་ངོས་ནས་མཚར་གཏམ་མཐུན་འགྱུར་གནང་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་སྟབས། དྲྭ་གནས་ཁག་ཏུ་མཚར་གཏམ་འཁོད་པ་རྣམས་བཀླགས་ནས་འབྲེལ་ཡོད་ལ་བཀའ་འཁྲོལ་ཞུས་ཏེ། ཕ་ཡུལ་ཤེས་བྱའི་བང་མཛོད་དུ་འདྲེན་ཐབས་ཤིག་ཞུ་མུས་ཡིན། དེ་ལྟར་བྱས་པ་ཡིན་ན། སློབ་ཕྲུག་གི་མིག་ལམ་དུ་འགྱུར་ཐུབ་པ་ཡོང་ངེས་ཡིན། འོན་ཀྱང་དྲྭ་རྒྱའི་འཇིག་རྟེན་དུ་འཚོལ་རྙེག་གནང་མཁན་རྒྱ་ཆེའི་ཀློག་པ་པོའི་རིགས་ལ་ཅུང་རྙིང་པ་ཆགས་པ་ཡོང་སྲིད།
  དངོས་ཡོད་གནས་ཚུལ་དེ་ལྟར་ལགས། ཁྱེད་ཉིད་ཀྱི་མཚར་གཏམ་ཁག་ ༡༤ བཀླགས་པ་ཡིན། ཞེ་དྲག་མཚར་མཚར་ཆེན་པོ་འདུག དེར་བསྔགས་བརྗོད་དང་སྦྲགས། ཁྱེད་ཉིད་ཀྱི་མཚར་གཏམ་ཨང་ ༢།༦།༡༢།༡༤ བཅས་ཁག་བཞི་ཕ་ཡུལ་ཤེས་བྱའི་བང་མཛོད་དུ་རིམ་གྱིས་འགོད་འཆར་ཡོད་ན། བཀའ་འཁྲོལ་ཅི་ནས་ཡོང་བ་ཞུ།
  ཀུན་དགའ་རྒྱལ་མཚན་གྱིས།

  ReplyDelete